Nyingmapa Taksham Buddhist Center
Enthronement of 8th Terchen Taksham Tulku
Interview with a REINCARNATED 15 YR OLD MONK! (Ft: Taksham Tulku Rinpoche)
Interaction with 2TMeditation with regards to the simple breathing meditation and how it helps relax your mind and body.
Tsok Fest offering to Guru Padmasambhava
On August 6th and 7th, Nyingmapa Taksham Buddhist Center will be holding a Guru Rinpoche 100,000 tsok feast (Bhum Tsok) where we’ll practice together to accumulate offerings toward the long life of His Holiness the Great 14th Dalai Lama and other great Dharma teachers. We will also dedicate the merit of our practice toward peace and happiness for all sentiment beings. Please join us to practice from 10am to 5pm.
This summer Rinpoche had taken a trip to Nepal. Mainly it was a visit so Rinpoche could receive the important empowerments from the Taksham Cycle from His Eminence Lama Namkha Drimed Rabjam Rinpoche in Yanglesho, Nepal. Rinpoche had a great trip and got to enjoy a great pilgrimage around the sacred sites all around Nepal. Rinpoche also got to visit many high lamas during this trip like Kyabje Dilgo Khyentse Yangsi Rinpoche and had a great time having a long conversation in his room. Also visited parts of Europe which included France and Switzerland. Rinpoche also got to visit Nyingma Khenchen Pema Sherab in France. Rinpoche had a great experience on this trip during his summer vacation.
The 8th Terchen Taksham Tulku's 18th Birthday Celebration video.
༄། གདོད་མའི་དབྱིངས་སུ་ཀུན་བཟང་ཆོས་ཀྱི་རྗེ།། འགྲོ་བའི་དོན་བརྩོན་པདྨ་སམ་བྷ་ཝ།། སྙིགས་མའི་སྐྱབས་གནས་རིག་འཛིན་སྤྲུལ་པའི་སྐུ།། སྟག་ཤམ་རྡོ་རྗེ་སྐུ་ཚེ་བརྟན་གྱུར་ཅིག།། སྟག་ཤམ་པའི་རང་ཉིད་ཀྱི་ཞལ་གསུང་བྱིན་རླབས་ཅན།
༄། རྡོ་རྗེ་འཆང་ཆེན་གསང་བའི་ཟློས་གར་གྱིས།། བསིལ་ལྗོངས་འགྲོ་ལ་རྒྱལ་བསྟན་སྣང་བའི་འོད། གསལ་མཛད་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ཞེས། གྲགས་པ་དེ་ཡིས་དགེ་ལེགས་ཆར་དུ་སྙིལ། བསྟན་འཛིན་དབུས་ན་འཇིགས་མེད་ལུང་རིགས་ཀྱིས། འཕྲིན་ལས་ཀུན་ཁྱབ་ཆོས་ཀྱི་རྡོ་རྗེའི་སྐུའི། ལེགས་ཚོགས་གོང་འཕེལ་ཐོས་བསམ་སྒོམ་པ་ཡིས། སྔ་འགྱུར་རིང་ལུགས་ཕྱོགས་བརྒྱར་སྤེལ་བར་སྨོན། རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་དང་། ཆོས་ཉིད་བདེན་པའི་རང་རྩལ་འགག་མེད་འཐུས། བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་དག་། མཛད་འཕྲིན་གོང་དུ་འཕེལ་བའི་བཀྲ་ཤེས་ཤོག། ཅེས་པ་འདི་ཡང་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་འཕྲིན་ལས་རྡོ་རྗེའི་རིང་མཚོའི་སྨོན་ཚིག་ཅས་དགོས་ཞེས་འབྲེལ་ཡོད་ནང་མི་ནས་ནན་བསྐུལ་བཞིན། དཔལ་ས་སྐྱ་བདག་ཆེན་འཇིགས་བྲལ་པས་སྤྱི་ལོ ༢༠༡༠ ལོའི་ཟླ་བ ༡༡ ཚེས ༢༣ ལ་སྨོན་པ་དགེའོ།། ༄།། དཀོན་མཆོག་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི། མཁྱེན་བརྩེ་ནུས་པ་བསླུ་མེད་བདེན་པའི་མཐུས། བསྟན་འཛིན་འགྱུར་མེད་འཕྲིན་ལས་རྡོ་རྗེ་ཡི། ཞབས་པད་རྡོ་རྗེའི་ཁམས་སུ་རབ་བརྟན་ནས། བར་ཆད་རྐྱེན་གྱིས་འཚེ་བ་འཐའ་དག་ཞི། ཐོས་བསམ་སྒོམ་གསུམ་ཡར་ངོའི་ཟླ་ལྟར་འཕེལ། རྒྱལ་སྲས་སེམས་དཔའ་རྣམས་ཀྱིས་མཛད་པ་ལྟར་ངེས་གསང་བསྟན་པའི་རྒྱལ་མཚན་བསྒྲིངས་གྱུར་ཅིག། ཅེས་པའང་གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཡང་སྲིད་མཆོག་གི་འཁྲུངས་སྐར་གྱི་དུས་ཚེས་ཉིན་མོ་རྟེན་མཚོན་བྱེད། གོ་འཇོ་ཡུལ་གྱི་དགོན་པ་རྒོད་མགོ་གསང་སྔགས་གླིང་གི་སྤྲུལ་སྐུ་རིག་འཛིན་པདྨ་སྤྱི་ཟླ ༡༡ ཚེས ༩ ཉིན་ཞབས་བརྟན་སྨོན་ལམ་ལྷག་བསམ་དག་པས་བྲིས་ཏེ་ཕུལ་བ་དགེའོ། །།